audio
audio | text
string | speaker_id
string |
---|---|---|
བཅུ་པ་ཆེན་པོ་མཆོག་ནི་ཐུགས་རྒྱ་ཡངས་ཤིང་དགོངས་བཞེད་སྔོན་ཐོན་དང་། གཟིགས་རྒྱང་རིང་བ་བཅས་ཡིན་ལ། ཁོང་གིས་སྔོན་ཆད་གསུང་པ་དག་ཀྱང་ཡོད་ཚད་མངོན་འགྱུར་བྱུང་ཡོད་ཕྱིར་ང་རང་ཁོང་ཉིད་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང་། | wz2-1 |
|
རིན་པོ་ཆེའི་ཞལ་གསུང་འདི་དག་ངའི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ་དར་ཁྱབ་ཆེན་པོ་བྱུང་ཡོད། | wz2-1 |
|
རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་བོད་རིགས་ས་ཁུལ་གྱི་དབུལ་ཕོངས་ས་ཁུལ་དང་། ཆ་རྐྱེན་ཧ་ཅང་ཞན་པའི་གྲོང་གསེབ་ཏུ་ཞབས་སོར་འཁོད་དེ་གྲོང་གསེབ་ཀྱི་འཕེལ་རྒྱས་ནི་དགོན་པ་བཞེངས་རྒྱུ་མིན་ལ། | wz2-1 |
|
དེས་ན་འདིར་དམ་པ་ཁོང་ལ་སྒོ་གསུམ་གུས་པའི་སྒོ་ནས་བསྟོད་ཚིག་འབུལ་བར་བྱ་སྟེ། | wz2-1 |
|
དེས་མ་ཟད་ད་དུང་པེ་ཅིང་གི་སློབ་ཆེན་གྲགས་ཅན་གྱི་དགེ་རྒན་ཚོ་གདན་འདྲེན་ཞུས་ཏེ་ང་ཚོར་ཆབ་སྲིད་དང་ལོ་རྒྱུས། རྩིས་འཁོར་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་ཅིང་། | wz2-1 |
|
སྤྱི་ཚོགས་གོང་འཕེལ་དུ་འགྲོ་བ་དང་བསྟུན་མིའི་རིགས་ཀྱི་དཔལ་ཡོན་ཡང་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། དེས་ནི་བོད་བརྒྱུད་ནང་བསྟན་ལའང་དུས་རབས་འཕེལ་རྒྱས་དང་མཐུན་པའི་བླང་བྱ་གསར་པ་བཏོན་ཡོད་པ་རེད། | wz2-1 |
|
ཐོག་མར་ཤིན་ཏུ་གོམས་དཀའ་ལ། ལྷག་པར་དུ་སྐབས་རེ་གཟའ་མཇུག་ཏུ་ཕྱིར་ཐོན་ནས་ཚོང་ཁང་དུ་དངོས་པོ་ཉོ་སྐབས་སྐད་བརྡ་མ་འཕྲོད་པའི་དཀའ་ཁག་ཆེན་པོར་འཕྲད་ཀྱི་འདུག | wz2-1 |
|
ཁོང་གིས་གལ་ཏེ་མི་རིགས་ཤིག་ལ་མི་རིགས་དེའི་རིག་གནས་མེད་པ་དང་མི་རིགས་ཀྱི་ཁྱད་ཆོས་མེད་ཚེ། མི་རིགས་དེ་ཉིད་ག་ལེར་ཉམས་ངེས་ཤིང་། | wz2-1 |
|
དེའི་ཚེ་ཕྲན་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཡིད་ལ་དྲན་པ་སྟེ། ཁོང་ཉིད་རྒྱ་ཡིག་གི་མཁྱེན་ཚད་ཧ་ཅང་མཐོ་བར་མ་ཟད།རྒྱ་ཡིག་གི་རྩོམ་ཡིག་ཀྱང་ཧ་ཅང་ཡག་པོ་འབྲི་གནང་གི་འདུག | wz2-1 |
|
འདི་ནི་སྐྱེས་ཆེན་དམ་པ་ཞིག་གིས་རྒྱ་ཆེའི་ནང་པའི་རྗེས་འཇུག་པ་རྣམས་ལ་གནང་བའི་ཞལ་གསུངས་གསེར་གྱི་ཐིགས་པ་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཙོ་འཛིན་ཞིག་གི་བློ་སེམས་བརྟན་པོ་ཡང་ཡིན་པ་དང་། | wz2-1 |
|
དེས་ན་རང་ཉིད་ཀྱིས་ཀྱང《ཤིན་ཧྭ་ཚིག་མཛོད》ཉོས་ནས་ཉིན་མཚན་ཀུན་ཏུ་སློབ་སྦྱོང་ནན་ཏན་བྱེད་པ་དང་འབྲེལ། | wz2-1 |
|
ངའི་གོ་ཐོས་ལྟར་ན་རིན་པོ་ཆེ་མཆོག་ནི་《ཤིན་ཧྭ་ཚིག་མཛོད》གཅིག་ལ་བརྟེན་ནས་རྒྱ་ཡིག་ཨུ་ཚུགས་ཀྱིས་སྦྱངས་པ་རེད་འདུག | wz2-1 |
|
ཁོང་གིས་ད་དུང་། ཁྱིམ་ཚང་ཞིག་ཡིན་ཚེ། མི་ཚང་མར་འགན་འཁུར་ཡོད་དགོས་ཤིང་། དགོན་སྡེ་ཞིག་ཡིན་ཚེ་དགེ་འདུན་པ་རེ་རེར་འགན་འཁྲི་ཡོད་དགོས་པ། རྒྱལ་ཁབ་ཅིག་གི་དབང་དུ་བྱས་ན། ཁྱེད་རང་མི་རིགས་གང་ཡིན་རུང་མི་ཚང་མར་འགན་འཁྲི་ཡོད། | wz2-1 |
|
ཆུང་དུས་སུ་དགོན་པར་དགེ་རྒན་གྱི་ཞལ་ནས་འདི་དག་ཐོས་མྱོང་པས། ང་རང་སེམས་གཏིང་ནས་ཧང་སངས་པ་དང་བློ་སྐྱེད་ཀྱང་ཆེན་པོ་ཐོབ་ནས་བོད་ཡིག་ལ་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་། གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་ཡག་པོ་བྱ་རྒྱུ། མི་རིགས་རིག་གནས་དང་ཆོས་ལུགས་ཐད་སློབ་གཉེར་བྱ་རྒྱུ་བཅས་ཀྱི་ཐད་རང་གི་འབད་པ་གང་ཡོད་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན། | wz2-1 |
|
སྔོན་ཆད་ཕྲན་ནི་རྟག་ཏུ་དགོན་སྡེར་གཞུང་ཆེན་བཀའ་པོད་ལྔ་སློབ་གཉེར་བྱེད་བཞིན་པ་ལས་ལོ་རྒྱུས་སྐོར་རྒྱུས་མངའ་དེ་ཙམ་མེད་ལ་དཔེ་ཆ་གཞན་པར་བལྟ་བའི་དུས་ཚོད་ཀྱང་ཕལ་ཆེར་མེད། | wz2-1 |
|
ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མ་རེ་རེས་རིན་པོ་ཆེ་ཁོང་ལ་དྲིན་ཚོར་གྱི་སེམས་པ་ཟབ་མོ་བཅངས་ཡོད་ལ། ཚང་མར་སློབ་གླིང་དུ་རིན་པོ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་དགོངས་པ་རྣམ་དག་དང་འབྱུང་འགྱུར་ལ་ཐུགས་སེམས་བཞེས་པའི་རྣམ་དཔྱོད་ལ་ཚོར་སྣང་ཟབ་མོ་ཡོང་གི་ཡོད། | wz2-1 |
|
བསིལ་མོ་ལྗོངས་ཀྱི་ཡངས་པའི་ཕང་བ་རུ། །གངས་ཅན་བསོད་ནམས་ཞིང་དུ་སྨིན་པ་ཡི།།སྒོ་གསུམ་གུས་པའི་ཡུལ་གྱི་དམ་པ་སྟེ།།པཎ་ཆེན་སྣང་བ་མཐའ་ཡས་རྗེས་སུ་དྲན།། | wz2-1 |
|
ང་རང་བདེ་བླག་ངང་རྒྱུགས་འཕྲོད་དེ་ཐེངས་དང་པོར་དགོན་པ་དང་བྲལ་ནས་ཁོར་ཡུག་ཧྲིལ་པོར་རྒྱ་སྐད་ཤོད་པའི་ཐག་རིང་གི་གནས་འདིར་སླེབས་པ་ཡིན། | wz2-1 |
|
ཤང་ཀང་ལ་སོགས་པའི་ས་གནས་ཁག་ཏུ་དགེ་བའི་བཤེས་གཉེན་དང་སྤེལ་རེས་ཞུ་གི་ཡོད། ནང་བསྟན་སློབ་གླིང་རིང་གི་བཟའ་བཏུང་དང་ཉལ་ཁང་། ད་དུང་ཕ་ཡུལ་ལ་ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་གྲོན་དངུལ་སོགས་ཚང་མ་སློབ་གླིང་གིས་འགན་འཁུར་གྱི་ཡོད་པ་རེད། | wz2-1 |
|
རིན་པོ་ཆེས་ད་དུང་ངས་རྒྱ་སྐད་ཤེས་པ་ནི་ངའི་འཇོན་ཐང་དང་ནུས་པ་ཡིན་ལ། གལ་ཏེ་ངས་རྒྱ་སྐད་བཤད་མ་ཤེས་ཀྱང་དེ་ནི་ངོ་ཚ་ཞིག་མིན། འོན་ཀྱང་གལ་ཏེ་ངས་བོད་སྐད་དང་བོད་ཡིག་མ་ཤེས་ཚེ་དེ་ནི་ངའི་ངོ་ཚ་རེད་ཅེས་གསུངས་ཡོད། | wz2-1 |
|
ང་རང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གྲོས་འགོ་བཏོན་ནས་བཙུགས་པའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་གཉེར་ལ་ཡོང་པ་ཡིན། | wz2-1 |
|
བལྟོས་བཅས་ཀྱིས་རོགས་རམ་ཙམ་བྱེད་རྒྱུའང་མིན་པར། ཕྲུ་གུ་ཚོ་ངེས་པར་དུ་སློབ་གྲྭར་འགྲོ་དགོས་པ་དང་ངེས་པར་དུ་རིག་གནས་ཤེས་བྱ་སློབ་དགོས་ཞེས་ཡང་དང་བསྐྱར་དུ་གསུང་མྱོང་ཞིང་། | wz2-1 |
|
འཆམ་མཐུན་མཐུན་སྒྲིལ་འབྲས་བུ་སྨིན་པ་དང་།།ཞལ་གསུང་བཀའ་སློབ་ཡུལ་ཕྱོགས་ཀུན་ལ་ཁྱབ།།ཆོས་གཞུང་གང་ལ་ནང་བྱན་ཆུད་པ་དང་།།དྲི་མེད་ཞལ་གསུང་བྱིན་རླབས་སྩོལ་མཛད་པ།།མདོ་སྔགས་བསྟན་པའི་མཛད་འཕྲིན་སྐྱོང་མཁས་པའི།།འགྲོ་བའི་མགོན་པོ་ཁོང་ལ་གུས་ཕྱག་འཚལ།། | wz2-1 |
|
སློབ་གླིང་གིས་སློབ་ཁྲིད་ལ་གདན་འདྲེན་གནང་པའི་དགེ་རྒན་དག་ནི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་སྐད་གྲགས་ཡོད་པའི་དཔེ་ཆའི་དགེ་རྒན་ལེགས་ཤོས་ཞེ་ཅིག་ཡིན་ལ། | wz2-1 |
|
བློ་གྲོས་ཤེས་རབ་ཐབས་ཀྱིས་ཡོངས་ཕྱུག་ཅིང་།།དད་ལྡན་འགྲོ་བའི་མགོན་དུ་བྱོན་པ་ཡི།།དམ་ཆོས་ཟབ་མོ་ཁོང་དུ་ཆུད་པ་དང་།།སྨན་མཆོག་འབྲས་བུ་ཡོངས་སུ་ལེགས་སྨིན་པ།། | wz2-1 |
|
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་རང་གི་མི་རིགས་ལ་བརྩི་ཞེན་ལྷག་པར་དུ་ཆེ་བའི་ཁར། མི་རིགས་ཁག་བར་གྱི་མཐུན་སྒྲིལ་ཐོག་མཐའ་བར་གསུམ་དུ་ནན་གསུང་གནང་བ་སྟེ། རིན་པོ་ཆེ་མཆོག་གིས། ཁྱིམ་ཚང་ཞིག་ཡིན་ཚེ། མི་དང་མིའི་བར་མཐུན་སྒྲིལ་མེད་ཚེ་སེམས་པ་སྡུག་བསྔལ་གྱིས་མནར་ནས་ཁྱིམ་ལ་བདེ་སྐྱིད་ཡོང་མི་སྲིད། | wz2-1 |
|
མི་རིགས་དང་མི་རིགས་བར་མཐུན་སྒྲིལ་མེད་ཚེ་རྒྱལ་ཁབ་ཀྱང་འཕེལ་རྒྱས་དང་ཡར་ཐོན་ཡོང་མི་སྲིད་ཅེས་གསུངས་ཡོད་པ་དང་། | wz2-1 |
|
2015ལོའི་ཟླ9པར། | wz2-1 |
|
ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་གཉེར་ལ་ཐོག་མར་སླེབས་པའི་སྐབས། ངས་རྒྱ་སྐད་ཚིག་གཅིག་ཀྱང་བཤད་ཤེས་ཀྱི་མེད། | wz2-1 |
|
“ང་ཚོའི་དམིགས་ཡུལ་ནི་དགོན་སྡེ་རེ་རེ་དབེན་འཇགས་སྒམ་ནན་གྱི་གནས་ཤིག་ཏུ་གྱུར་ནས་ཀུན་གྱིས་མཐོང་མ་ཐག་འཁོར་བའི་གནས་ལས་གྲོལ་བའི་ཚོར་སྣང་ཞིག་སྐྱེས་ཐུབ་པ་བྱ་རྒྱུ་དེ་ཡིན” | wz2-1 |
|
དེ་ཡང་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་དང་ཕུགས་རྒྱང་རིང་པའི་དགོངས་བཞེད་ཀྱིས་ཀུན་ནས་བསླངས་ཏེ་ང་རང་ནང་བསྟན་སློབ་གླིང་ལ་རྒྱུགས་འཕྲོད་དེ་སློབ་གཉེར་ཟབ་སྦྱོང་བྱེད་རྒྱུ་བྱུང་བ་ཞིག་ཡིན་ཞེས་བཤད་ཆོག | wz2-1 |
|
རིན་པོ་ཆེའི་སློབ་སྦྱོང་གནང་སྟངས་ལྟར་རྒྱ་ཡིག་ཁ་ཤས་ངོས་ཟིན་མ་ཐག སློབ་གླིང་གི་དཔེ་མཛོད་ཁང་དུ་ཚགས་པར་དང་དུས་དེབ་ཐོག་གི་རྩོམ་ཡིག་སྟབས་བདེ་རིགས་ཀློག་འདོན་བྱས་པ་ཡིན། | wz2-1 |
|
ངེས་པར་དུ་དོན་དངོས་སྒྲུབ་པ་ཉམས་ལེན་དང་སློབ་གཉེར་འབད་བརྩོན་ལ་བརྟེན་ནས་ཚན་རིག་ཤེས་བྱ་གཞན་དག་ཀྱང་སློབ་སྦྱོང་བྱ་དགོས། | wz2-1 |
|
མཚམས་རེར་ལུས་ཕུང་མི་བདེ་བ་བྱུང་ཚེ། སློབ་གླིང་གིས་ལམ་སེང་སྨན་ཁང་དུ་ཁྲིད་ནས་བརྟག་དཔྱད་དང་སྨན་བཅོས་གནང་གི་ཡོད། | wz2-1 |
|
རྒྱ་ཡིག་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད། ངས་ནི་སྐབས་དེར་རིན་པོ་ཆེས་རྒྱ་ཡིག་སྦྱོང་བའི་ཆོད་སེམས་དང་ཁོང་གིས་ཐུགས་བརྩོན་གང་འདྲ་གནང་པ་ཚོར་ཐུབ་ལ། རིན་པོ་ཆེའི་བསོད་ནམས་དང་ཐུགས་ནུས་ནི་གཞན་ལས་ཁྱད་དུ་འཕགས་པ་ཡང་ར་སྤྲོད་བྱེད་ཐུབ་པ་ཡིན། | wz2-1 |
|
བོད་ཁུལ་གྱི་ས་གནས་གང་དང་གང་དུ་ཆིབས་བསྒྱུར་གནང་རུང་། རིན་པོ་ཆེ་མཆོག་གིས་བུམ་པ་གང་བྱོའི་ཚུལ་དུ་དཔེའི་ལམ་ནས་དད་ལྡན་མང་ཚོགས་ལ་ང་ཚོའི་མི་རིགས་ཀྱིས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་དགོས་པའི་གལ་ཆེའི་རང་བཞིན་སྐོར་བཀའ་སློབ་གནང་གི་ཡོད། | wz2-1 |
|
རིན་པོ་ཆེ་ཡིས་རྒྱུན་དུ་ཀུན་གྱིས་གོ་སླ་བའི་ཞལ་གསུང་གི་ལམ་ནས་མང་ཚོགས་ལ་སློབ་གསོ་མི་དམན་པ་གཏོང་གི་ཡོད་ཅིང་། མང་ཚོགས་ཀྱིས་ཀྱང་གོ་བ་ཡང་དག་བླངས་ནས་མི་རབས་ནས་མི་རབས་བར་རིམ་པ་བཞིན་དུ་རྒྱུད་འཛིན་གནང་གི་ཡོད་པ་རེད། | wz2-1 |
|
དེ་ལྟར་ནའང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྣམ་ནི་ཐེངས་མང་གོ་མྱོང་ཡོད་པས། | wz2-1 |
|
ནང་པའི་རྗེས་འཇུག་པ་རྣམས་ཀྱིས་ནང་བསྟན་རིག་གནས་ཕུན་སུམ་ཚོགས་པ་ཁོང་དུ་ཆུད་དགོས་པར་མ་ཟད། | wz2-1 |
|
ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་གཉེར་བྱེད་པའི་ལོ་ངོ་གསུམ་རིང་། | wz2-1 |
|
གལ་ཏེ་མི་རིགས་ཤིག་ལ་མི་འབོར་ཉུང་པ་དང་ས་ཁོངས་ཆེན་པོ་མེད་ཀྱང་། རང་ཉིད་ཀྱི་རིག་གནས་དང་ཁྱད་ཆོས་ལ་བདག་སྐྱོང་བྱས་པ་ཡིན་ན་མི་རིགས་དེ་ཉིད་ཡུན་རིང་གནས་ཐུབ་པ་རེད་ཅེས་ནན་གྱིས་བསྟན་པར་མ་ཟད། | wz2-1 |
|
གལ་ཏེ་རིག་གནས་མེད་པ་ཡིན་ན་དེ་ནི་བསྐྱར་དུ་འཛུགས་ཐབས་མེད་པས་མི་རིགས་ཤིག་གི་ཆེས་གལ་ཆེ་བ་ནི་རིག་གནས་རེད་ཅེས་གསུང་མྱོང་ཡོད། | wz2-1 |
|
པཎ་ཆེན་རི་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་སུམ་ཅུ་འཁོར་ཟིན་ནའང་རིན་པོ་ཆེའི་བཀའ་སློབ་འདི་དག་ནི་ནམ་ཡང་རྟག་བརྟན་དུ་གནས་ཡོད་པ་རེད། | wz2-1 |
|
རང་ཉིད་ཀྱིས་འདི་གར་རིན་པོ་ཆེའི་དགོངས་པ་འདུས་པའི་ཤེས་བྱ་གང་མང་ཞིག་སློབ་གཉེར་ཐུབ་པར་ཡང་ཡིད་ཆེས་ཡོད། | wz2-1 |
|
འདི་དག་ཡོད་ཚད་ནི་རྒྱལ་ཁབ་ཀྱིས་བོད་བརྒྱུད་ནང་བསྟན་ལ་རྒྱབ་སྐྱོར་གནང་པ་ཡིན་ལ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་ཡིན་པའི་ཆ་ནས་ཁོང་སྐུ་འཚོ་བཞུགས་སྐབས་བཏབ་པའི་བསོད་ནམས་ཀྱི་འབྲས་བུ་ལེགས་པོ་ཡང་རེད། | wz2-1 |
|
དེར་བརྟེན། ངེས་པར་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་ཞེས་གསུང་ཡོད། རིན་པོ་ཆེས་དཔེ་ཞིག་དྲངས་པར། ཁོང་གིས་བོད་ཀྱི་མི་སེར་གྱི་ཁྱིམ་དུ་གསོས་པའི་ཁྱི་ནི་གདུག་རྩུབ་ཇི་ལྟར་ཆེ་ཡང་། རང་གི་ཁྱིམ་བདག་ལ་གནོད་པ་བྱེད་མི་སྲིད། | wz2-1 |
|
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་ལ་བོད་རིགས་མི་དམངས་ཡོངས་ནས་གོང་བཀུར་མོས་གུས་ཞུ་བའི་རླབས་ཆེ་བའི་མཆོག་སྤྲུལ་ཞིག་ཀྱང་རེད། | wz2-1 |
|
ནང་བསྟན་སློབ་གླིང་གིས་ལོ་རེར་བསྡུས་པའི་སློབ་མ་ཤིན་ཏུ་ཉུང་སྟེ། དགེ་ལུགས་པར་ཆ་མཚོན་ན། ལོ་ལྟར་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ནས་སློབ་མ་13ལས་བསྡུ་གི་མེད། | wz2-1 |
|
གྲོང་སྡེ་དང་གྲོང་སྡེའི་བར་མཐུན་སྒྲིལ་མེད་ཚེ་འགལ་བ་བྱུང་ནས་གྲོང་གསེབ་འཕེལ་རྒྱས་ཡོང་མི་སྲིད། | wz2-1 |
|
དེ་བས་ན། རྒྱལ་ཁབ་ཀྱི་ནང་དུའང་། གལ་ཏེ་ཁྱོད་རང་ཤེས་རབ་དང་འཇོན་ཐང་། ནུས་པ་ཅན་བཅས་ལྡན་པ་ཞིག་ཡིན་ཚེ། དེ་བས་ཀྱང་རྒྱལ་ཁབ་ལ་ཕན་ཐོགས་ཡོད་པའི་ལས་ཀ་སྒྲུབ་དགོས་ཤིང་། | wz2-1 |
|
ང་ཚོར་ཉམས་ལེན་སྒྲུབ་སྦྱོང་གི་ལམ་བུའི་ཐོག་ཁྲིད་སྟོན་བྱེད་པའི་ཤེས་རབ་ཀྱི་སྒྲོན་མེ་ལྟ་བུ་ཡིན། | wz2-1 |
|
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་སྐུ་འཚོ་བཞུགས་སྐབས་མཚོ་སྔོན་གྱི་དགོན་པ་ཁག་ཏུ་ཆིབས་བསྒྱུར་གནང་ནས་བཀའ་ཆོས་གསུང་སྐབས། ད་ལྟ་ནི་ཚན་རིག་དང་རིག་གནས་འཕེལ་རྒྱས་མྱུར་བའི་དུས་རབས་གསར་པ་ཡིན་ཕྱིར། | wz2-1 |
|
མི་རིགས་སེམས་ལ་འཆང་ཞིང་རྒྱལ་ཁབ་གཅེས།།རང་གི་ནུས་པས་ནང་བསྟན་དར་རྒྱས་གཏོང་།།མ་གྱུར་འགྲོ་བ་ཐུགས་ལ་དམ་པོར་འཛིན།།བར་བགེགས་སེལ་ནུས་སེང་གེ་སྒྲ་སྒྲོག་པ།། | wz2-1 |
|
ཡིན་ནའང་སློབ་གླིང་འདིར་ཡོང་ནས་སློབ་གཉེར་བྱེད་འདོད་ཤིན་ཏུ་ཆེ་སྟེ། སློབ་གླིང་འདི་ནི་རིན་པོ་ཆེ་མཆོག་གིས་འབད་བརྩོན་དང་བཀོད་སྒྲིག་གནང་པའི་འབྲས་བུ་ཡིན། | wz2-1 |
|
གལ་ཏེ་ཁྱོད་རང་ནུས་པ་མེད་ཅིང་བློ་གྲོས་མི་ལྡན་པ་ཞིག་ཡིན་ཚེ། མ་མཐར་ཡང་མི་བདེན་པ་བདེན་ཐུབ་ཅིག་བྱེད་པ་ལས་བྱ་བ་ངན་པ་བསྒྲུབ་མི་རུང་ཞེས་གསུང་ཡོད། | wz2-1 |
|
སྔོན་ཆད་རིན་པོ་ཆེ་མཆོག་གིས་ས་གནས་ཤིག་ལ་དགོན་པ་མེད་ཚེ་གསར་དུ་བཏབ་ཆོག་མོད། | wz2-1 |
|
གཞན་ཡང་སློབ་གླིང་གིས་ང་ཚོ་རྩ་འཛུགས་བྱས་ཏེ་གྲོང་ཁྱེར་གཞན་གྱི་དགོན་སྡེ་དང་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་མཆོད་མཇལ་གཟིགས་སྐོར་དང་སློབ་སྦྱོང་སྤེལ་རེས་བཀོད་སྒྲིག་བྱེད་ཀྱི་ཡོད་ལ། | wz2-1 |
|
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི་1938ལོར་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་དུ་སྐུ་འཁྲུངས་པ་དང་། སྐྱ་མིང་ལ་མགོན་པོ་ཚེ་བརྟན་ཟེར། དགུང་ལོ་གསུམ་གྱི་སྟེང་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་གནང་། | wz2-2 |
|
མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་བར་མཛད་རྗེས་བསུབ་ཏུ་མེད་པ་བཞག བློ་མཐུན་ཏེང་ཞའོ་ཕིང་གིས་ཁོང་ནི་“རང་རེ་རྒྱལ་ཁབ་ཀྱི་རྒྱལ་གཅེས་པ་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་”ཞེས་བསྔགས་བརྗོད་མཛད་མྱོང་། | wz2-2 |
|
རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ། རྒྱལ་སྲིད་ལས་དོན་སྒྲུབ་མཁན་གྲགས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་དབུ་འཛིན་པར་ཁོང་ལ་སྙིང་ཁོང་རུས་པའི་གཏིང་ནས་རྗེས་དྲན་ཞུ་བ་ལགས། | wz2-2 |
|
ད་ལྟ་ངེད་ཀྱིས་མཚོ་སྔོན་ནས་བོད་ལ་ཕྱིར་ལོག་རྒྱུའི་བཀར་སྒུག་ཡོད། ཁྱེད་ཀྱི་དབུ་ཁྲིད་འོག་ནུབ་བྱང་བཅིངས་འགྲོལ་ཐོབ་པ་དང་།ཀྲུང་དབྱང་མི་དམངས་སྲིད་གཞུང་བཙུགས་ཟིན་པས།སེམས་པ་སྤྲོ་བས་བརྟས་ཤིང་སྐུལ་ལྕག་ཆེན་པོ་ཐེབས་སོང་། | wz2-2 |
|
ཟི་ལིང་བཅིངས་འགྲོལ་བཏང་རྗེས་སུ། ནུབ་བྱང་ཅུས་དང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་མི་སྣ་ཆེད་དུ་མངགས་ནས་སྐུ་འབུམ་དུ་ཡོད་པའི་པཎ་ཆེན་མཆོག་གི་སྐུ་འཁོར་དང་འབྲེལ་གཏུག་བྱས་པ་བརྒྱུད། ཁོང་ཚོར་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་གནང་ཞིང་། | wz2-2 |
|
རྟེན་འབྲེལ་གློག་འཕྲིན་དེ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པས་ཐེངས་དང་པོར་ཡོངས་གྲགས་ཐོག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོར་བསྟན་པ་ཡིན་ལ། ཁོང་གིས་ཕྱོགས་གཉིས་བཏོན་པ་དེ་ཕུད་ད་དུང་རྒྱལ་ཁབ་ཀྱི་མངའ་ཁོངས་དང་བདག་དབང་ཆ་ཚང་ལ་བརྩི་བཀུར་གནང་རྒྱུའི་ཆབ་སྲིད་ཐད་ཀྱི་རྣམ་འགྱུར་དང་། | wz2-2 |
|
1989ལོའི་ཟླ་1པོའི་ཚེས་28ཉིན། དམ་པ་ཁོང་གིས་ཕྱག་ལས་ཀྱི་སྐུ་ངལ་ཚད་མེད་ཞབས་ཀྱིས་བཅགས་མཐར་གཞིས་ཀ་རྩེར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ། | wz2-2 |
|
1949ལོའི་ཟླ་10པའི་ཚེས1ཉིན པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་མཚོ་སྔོན་ནས་ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་གཉིས་ལ་གློག་འཕྲིན་བཏང་པ་དང་། | wz2-2 |
|
ད་ལོ་ནི་དམ་པ་ཁོང་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་30འཁོར་བའི་ལོ་ཡིན་ལ། ཀྲུང་གོའི་བོད་ལྗོངས་དྲ་བས་ཆེད་དུ་མུ་འབྲེལ་སྒྲ་ལམ་ལེ་ཚན་གཉེར་ཏེ། རིན་པོ་ཆེ་ཁོང་དང་མའོ་ཙེ་ཏུང་། ཀྲོའུ་ཨེན་ལའེ་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་རྣམས་དབར་གྱི་འཕྲིན་ཡིག་དང་གློག་འཕྲིན་གྱིས་འབྲེལ་འདྲིས་གནང་པར་ཕྱིར་དྲན་བྱས་ཏེ། ནམ་ཡང་ནུབ་མི་སྲིད་པའི་ལོ་རྒྱུས་ཀྱི་དུས་སྐབས་ལ་བསྐྱར་མྱོང་བྱེད་པ་དང་། | wz2-2 |
|
དེ་དང་དུས་མཚུངས་སུ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བྱེས་འཐབ་དམག་སྡེ་དང་པོའི་དམག་སྤྱི་ཕེང་ཏེ་ཧོའེ་ལ“དྲང་བདེན་གྱི་འགོ་ཁྲིད་ལ་བརྟེན་བོད་ལ་བཅིངས་འགྲོལ་གཏོང་རྒྱུ་དང་། རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་ཚང་མ་གཙང་དག་བཟོས་ནས་བོད་མི་དམངས་སྐྱོབ་རྒྱུའི”རེ་ཞུ་བཏོན་པ་རེད། | wz2-2 |
|
གློག་འཕྲིན་འདིར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཐུགས་ཤིན་ཏུ་མཉེས་ཡོད་དེ་ ཁོང་གིས་གློག་འཕྲིན་ལས་“ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ངེད་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པའི་ཁྲིམས་མཐུན་གྱི་གོ་གནས་དངོས་སུ་ཁས་ལེན་བྱས་པར”དགོངས་འདུག་པ་དང། | wz2-2 |
|
དེ་དང་ཆབས་ཅིག་ཏུ་ཁོང་གིས་ཀྱང་འཕྲིན་ལན་དུརྒྱལ་གཅེས དང ཕྱི་རྒྱལ་གྱི་བཙན་འཛུལ་ལ་ངོ་རྒོལ། བོད་ལྗོངསའདི་ཉིད་ཀྲུང་གོ་གསར་པའི་ཁྱིམ་ཚང་ཆེན་པོའི་ནང་གི་ཆ་ཤས་ཤིག་ཡིན་པ”བཅས་ནན་གྱིས་བསྟན་པ་ | wz2-2 |
|
ཤིང་སྡེར་བཞུགས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་སྙན་སེང་ཞུས་པ་རེད། | wz2-2 |
|
སྤྱི་ཁྱབ་དམག་སྤྱི་གཞོན་པ་ཕེང་ཏེ་ཧོའེ་ཡང་པཎ་ཆེན་རིན་པོ་ཆེར་གློག་འཕྲིནབཏང་ནས། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་པཎ་ཆེན་ནང་མ་སྒང་གི་དཔོན་རིགས་ཀྱི་རྒྱལ་གཅེས་ལྷག་བསམ་ལ་གདེངས་འཇོག་ཚད་མེད་གནང་པ་དང་འབྲེལ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། | wz2-2 |
|
ཁ་བྲལ་སྟོབས་ཤུགས་ལ་ངོ་རྒོལ་དང“བོད་ལ་ཕྱིར་ལོག་པའི་བཀར་སྒུག་པའི”ཐུགས་འདུན་ཡང་བསྟན་ཡོད་པས། ཀྲུང་གོ་གསར་པའི་ཆབ་སྲིད་ཀྱི་གོ་གནས་དངོས་སུ་ཁས་ལེན་རྒྱུར་བརྩོན་ལེན་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། | wz2-2 |
|
“པཎ་ཆེན་དང་དེ་བཞིན་ཀན་སུའུ་མཚོ་སྔོན་མངའ་ཁོངས་སུ་ཡོད་པའི་བོད་མི་སྲུང་སྐྱོང་དང་བརྩི་འཇོག་ལ་དོ་སྣང་གང་ལེགས་གནང་ནས་བོད་ཀྱི་གནད་དོན་ཐག་གཅོད་རྒྱུའི་གྲ་སྒྲིག་བྱེད་དགོས.པའི་བཀའ་གསུང་བསྩལ་པ་དང་། | wz2-2 |
|
མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་ཟླ་11པའི་ཚེས་༌23ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པར་འཕྲིན་ལན་བཏང་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ལ་བསྟོད་བསྔགས་གནང་པ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བོད་མི་དམངས་ཀྱི་བསམ་འདུན་སྐོང་ཐུབ་ངེས་ཡིན་ཞེས་བསྟན་པ་རེད། | wz2-2 |
|
པཎ་ཆེན་ངེད་ནས་རྒྱལ་ཁབ་ཀྱི་བཀའ་དྲིན་སེམས་ཀྱིས་ཚོར་ནས་དེ་ཉིད་ངོས་ལེན་གོང་བརྩི་ཞུ་རྒྱུ་ཡིན་ལ།ལོ་ངོ་ཉི་ཤུ་ལྷག་ཙམ་རིང་།བོད་ལྗོངས་མངའ་ཁོངས་ཀྱི་བདག་དབང་ཆ་ཚང་ཡོང་ཆེད་ཡུལ་ལུང་སོ་སོར་བསྐྱོད་པ་ཡིན་ཡང་གྲུབ་འབྲས་གང་ཡང་ཐོབ་མ་སོང་པས་ཕངས་སེམས་ཤིན་ཏུ་ཆེ། | wz2-2 |
|
གློག་འཕྲིན་དུ་པེ་ཅིང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མའོ་ཀྲུའུ་ཞི་དང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེར་ཞུ་རྒྱུར། | wz2-2 |
|
ངེད་ནས་བོད་ཡོངས་ཀྱི་མི་དམངས་གི་ཚབ་ཞུས་ཏེ་ཁྱེད་ལ་བཀའ་དྲིན་བླ་མེད་ཞུ་རྒྱུ་མ་ཟད་ལྷག་བསམ་རྣམ་དག་གིས་གོང་བཀུར་ཞུ་བ་ཡིན”ཞེས་བཀོད་འདུག | wz2-2 |
|
1949ལོའི་ཟླ་6པའི་ཚེས་3ཉིན། གོ་མིན་སྲིད་གཞུང་གིས་གསེར་བུམ་དཀྲུག་མི་དགོས་པར་ཆོག་མཆན་གནང་བ་མ་ཟད། | wz2-2 |
|
ཁོང་ལ།བོད་ཀྱི་བཅིངས་འགྲོལ་དང་རྒྱ་བོད་གྱི་མཐུན་སྒྲིལ་བཅས་ཀྱི་ཆེད་དུ་འབད་བརྩོན་བྱེད་རྒྱུའི།བླང་བྱ་བཏོན་པ་ནི་ཁོང་ལ“ཡིད་ཆེས་དང་གཅེས་སྐྱོང་། སྐུལ་ལྕག་གནང་པ་ཡིན་པར”མཁྱེན་རྟོགས་བྱུང་ཡོད་པ་རེད། | wz2-2 |
|
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་མི་དམངས་བདེ་སྐྱིད་ཐོབ་པ་དང་རྒྱལ་ཁབ་དར་རྒྱས་ཡོང་བའི་རེ་བ་བྱེད་བཞིན་ཡོད་ཅེས་གསུང་པ། | wz2-2 |
|
འཕྲིན་ལན་ཉིན་ལྔ་བཅུ་ལྷག་ཙམ་ལ་ནར་འགྱངས་བཏང་པ་དེས་ཀྱང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་འཕྲིན་ལན་འདིས་ཐོན་པའི་ནུས་པ་དང་དོན་སྙིང་ཐད་ཐུགས་བསམ་ནན་མོ་བཏང་པགསལ་པོར་མཚོན་ཐུབ། | wz2-2 |
|
ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བོད་མི་དམངས་ཀྱི་བསམ་འདུན་སྐོང་ཐུབ་ངེས་ཡིན་ལ། ཁྱེད་དང་བོད་ཀྱི་རྒྱལ་གཅེས་མི་སྣ་དག་རྡོག་རྩ་གཅིག་སྒྲིལ་གྱིས་འབད་བརྩོན་བཅས་བྱས་ནས། བོད་ཀྱི་བཅིངས་འགྲོལ་དང་རྒྱ་བོད་མི་དམངས་ཀྱི་མཐུན་སྒྲིལ་ཆེད་དུ་ནུས་པ་འདོན་རྒྱུའི་རེ་བ་ཞུས་པ་ཡིན”ཞེས་བྲིས་འདུག | wz2-2 |
|
ཕྱིན་ཆད་མི་དམངས་ཀྱི་བདེ་སྐྱིད་ལ་རེ་བ་བྱེད་ཅིང་རྒྱལ་ཁབ་དར་སྤེལ་ཐུབ་ལ་རེ་བ་ལྡན་པ་དང་།བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་ཉིན་དེར་ཡང་རེ་སྒུག་བྱས་ཡོད། | wz2-2 |
|
འཕྲིན་ཡིག་ཏུ“ཟླ་བཅུ་བའི་ཚེས་གཅིག་ཉིན་གྱི་གློག་འཕྲིན་བཀླགས་ནས་བློ་སེམས་ཤིན་ཏུ་བདེ་བོ་བྱུང་ཡོད་ལ། བོད་མི་དམངས་ཀྱིས་མེས་རྒྱལ་ལ་དགའ་ཞེན་དང་ཕྱི་རྒྱལ་གྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་པ། གོ་མིན་ཏང་ལོག་སྤྱོད་སྲིད་གཞུང་སྲིད་ཇུས་ལ་ཡི་རང་མེད་པར། སྟོབས་འབྱོར་གཅིག་གྱུར་གྱི་མི་རིགས་ཁག་འདྲ་མཉམ་ལས་བྱེད་པའི་ཀྲུང་གོ་གསར་པའི་ཁྱིམ་ཚང་ཆེན་པོའི་ནང་བྱེ་བྲག་ཅིག་བྱེད་འདོད་ཡོད་པས་ན། | wz2-2 |
|
པཎ་ཆེན་མཆོག་གི་སྐུ་འཁོར་དཔོན་རིགས་ཀྱིས་རང་ཉིད་ཀྱི་འབྲེལ་འདྲིས་དངོས་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་ལ་ཤེས་རྟོགས་བྱེད་པ་དང་དུས་མཚུངས་རྒྱལ་ཡོངས་སུ་ཁྱོན་ཡོངས་ནས་བཅིངས་འགྲོལ་ཐོབ་པའི་གནས་བབ་ཧ་ཅང་བཟང་པོའང་མཐོང་བྱུང་པས་ན། | wz2-2 |
|
1949ལོར།ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་པའི་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཡོངས་སུ་རྒྱལ་ཁ་ཐོབ་གྲབས་ཡོད་པའི་སྔ་ནུབ་ཏུ། ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་ཟིན་པ་དང་། | wz2-2 |
|
ཁྱེད་ཀྱི་མཁས་མཛངས་གཉིས་ལྡན་གྱི་རྣམ་དཔྱོད་ལ་བརྟེན་པས་རྒྱལ་སྐྱོབ་དམངས་སྐྱོབ་ཀྱི་འཕྲིན་ལས་དར་ཞིང་།དྲང་བདེན་ལ་རྒྱལ་ཁ་ཐོབ་པར་རྒྱལ་ཡོངས་མི་མང་སྤྲོ་བ་འབུམ་གྱིས་མྱོས་ཡོད་པ་རེད། | wz2-2 |
|
ཟླ་8པའི་ཚེས་10ཉིན། མི་སྣ་ཆེད་དུ་མངགས་ཏེ་སྐུ་འབུམ་བྱམས་པ་གླིང་དུ་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་གཙོ་སྐྱོང་གནང་། | wz2-2 |
|
ལན་ཀྲོའུ་བཅིངས་འགྲོལ་བཏང་པའི་སྔོན་ཙམ་ལ། མའོ་ཀྲུའུ་ཞིས་ནུབ་བྱང་ཕྱོགས་སུ་དཔུང་འཇུག་བྱེད་ཀྱིན་པའི་ཕེང་ཏེ་ཧོའེ་སོགས་བློ་མཐུན་ལ་གློག་འཕྲིན་བཏང་ནས | wz2-2 |
|
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་ཤེས་རབ་ཀྱི་མཁྱེན་རྒྱ་ཡངས་ཤིང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལ། ལྷག་པར་དུ་བོད་ལྗོངས་ཁ་བྲལ་གྱི་སྟོབས་ཤུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དུས་ཡུན་རིང་པོར་འགྱུར་བ་སྤུ་ཙམ་མེད་པར་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོ་བསྒྲེངས་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། | wz2-2 |
|
ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེར་གྱི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་དམངས་ཚོགས་ལ་བརྙན་ལམ་ཐོག་ནས་གསུང་བཤད་གནང་བ་རེད། | wz4-2 |
|
ཉེ་ཆར་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྔ་སྨད་ཤོད་གྲོང་ཚོའི་རྔ་སྨད་ཤོད་ཚོ་ཆུང་གི་ཞིང་འབྲོག་མང་ཚོགས་ཀྱིས་རྔ་སྨད་ཤོད་ཚོ་ཆུང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་དུ“ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་། | wz4-2 |
|
མཉམ་ལས་འདི་ལ་གང་མགྱོགས་ཀྱིས་གཉིས་ཁེ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་གསུངས་འདུག | wz4-2 |
|
ས་གནས་དེ་གའི་དུས་ཚོད་ཟླ3ཚེས20ཉིན་ཀྲུང་གོས་ཁོ་ལོམ་པི་ཡར་མཁོ་སྤྲོད་བྱས་པའི་རིམས་འགོག་སྨན་ཁབ་ཁག་གསུམ་པ་ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཐོར་འབྱོར་བ་རེད། | wz4-2 |
|
ཟླ3པའི་ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་རྟོག་ཞིབ་དང་གཟིགས་ཞིབ་གནང་བ་དང་། | wz4-2 |
|
ཟླ3པའི་ཚེས22ཉིན་གྱི་ཕྱི་དྲོ། ཧྥུ་ཅན་དུ་རྟོག་ཞིབ་དང་གཟིགས་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཝུ་དབྱི་ཧྲན་ཤིང་ཚུན་གྲོང་རྡལ་གྱི་ཡན་ཙེ་ཝོ་འབྱུང་ཁམས་ཇ་གླིང་དུ་ཕེབས་ནས་དཔྱིད་དུས་ཀྱི་ཇ་ལོའི་སྐྱེ་འཚར་ལ་གཟིགས་ཞིབ་གནང་བ་མ་ཟད་ས་གནས་དེ་གའི་ཇའི་ཐོན་ལས་གོང་འཕེལ་གྱི་གནས་ཚུལ་ཐད་མཁྱེན་རྟོགས་གནང་ཡོད། | wz4-2 |
|
བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གི་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ལ། | wz4-2 |
|
“བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ”གྱི་སྒོ་བྱང་གཉིས་ལྷན་གཅིག་ཏུ་བཀལ་བ་རེད། | wz4-2 |
|
ཞི་ཅིན་ཕིང་གིས། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་རོགས་རེས་དང་འགག་སྒྲོལ་དཀའ་སེལ་བྱས་ནས་རིམས་འགོག་མཉམ་ལས་ཧུར་ཐག་བྱས་ཡོད། | wz4-2 |
|
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཁྲེན་ཙུང་རུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལུའོ་མེ་མཛད་སྒོར་ཕེབས་ཏེ་ཤིས་ཚིག་གསུངས་པ་རེད། | wz4-2 |
End of preview. Expand
in Dataset Viewer.
README.md exists but content is empty.
- Downloads last month
- 41